ཁྲི་སྲོང་ལྡེའུ་བཙན།
༧༥༽ མུ་ནེ་བཙན་པོས། “ཡབ་ཀྱིས་བདག་ལ་གཟིགས་སྐྱོང་གནང་བ་ཐུགས་རྗེ་ཆེ། རྟག་ཏུ་སློབ་སྟོན་གནང་བར་འཚལ། ཞང་གི་བུ་དབུ་རིང་བདག་གི་བློན་པོར་བསྐོས་ན་སེམས་བདེ།” ཞེས་ཞུས།
༧༦༽ ཡབ་ན་རེ། “དེ་ཡང་འགྲིག་གོ། ཁོང་ནི་སྒྱུ་རྩལ་དང་དམག་དོན་ལ་ཧ་ཅང་མཁས། འོན་ཀྱང་བློན་ཆེན་པོ་ནི་སྔར་བཞིན་བློན་རྒན་འགོས་ཀྱིས་གནང་དགོས།” ཞེས་གསུངས།
༧༧༽ ཡུམ་དེ་མ་ཐག་སྲས་འབྲིང་བ་མུ་རུག་བཙན་པོའི་སར་བཅར་ནས། དེ་དོན་བཤད་ནས་ཞང་སྣ་ནམ་པའི་ལག་ལ་དབང་ཤོར་ན་སྲིད་ལ་ཉེན་ཁ་ཆེ་ཚུལ་གསུངས།
༧༨༽ མུ་རུག་བཙན་པོ་ཡབ་ཀྱི་ཕོ་བྲང་དུ་བཅར་དུས། དབུ་རིང་གིས་བཙན་པོ་དང་ཞང་བློན་གྱིས་བཀའ་མོལ་གནང་གིན་འདུག་ཅེས་མ་བཏང་བར་མུ་རིག་ཁྲོས་ཏེ་ཆུ་གྲི་བསྣུན་ནས་བསད།
༧༩༽ ཞང་བློན་ཁྲོས་ཏེ་ཁྲིམས་གཏུགས་ཞུས། བློན་ཆེན་འགོས་ཀྱིས་སྲས་མུ་རུག་བཙན་པོ་བྱང་ཕྱོགས་ཀྱི་མཐའ་མཚམས་སུ་བསྐྲད་ཅིང༌། ཞང་བློན་ལ་མི་སྟོང་འཇལ་ཕྱིར་ཡུལ་གྲུ་ཆེན་པོ་གཅིག་བྱིན་ནས་ཐག་གཅོད་འོས་འཚམ་གནང༌།